From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ
|
Tibetan Definition
|
རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་(རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ནི། མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེ་དང་། ཞང་ཞུང་པ་ཆོས་དབང་གྲགས་པ་གཉིས་སོ) ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེ་ནི། སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་འདེབས་པ་པོ་ཡིན་ཞིང་། འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེའི་དངོས་སློབ་ཀྱང་ཡིན། གསུང་རྩོམ་སྐོར། དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དེ་ཉིད་གསལ་བྱེད། ཚད་མའི་སྟོང་ཐུན་མཁས་པའི་ཡིད་འཕྲོག དེ་གཉིས་སེ་ར་བྱེས་པའི་ཡིག་ཆ་རྙིང་པའི་གྲས་ཡིན་འདུག འཇམ་དབྱངས་ཆོས་རྗེའི་རྣམ་ཐར་ལ་ཤོག་གྲངས་བཞི་བཅུ་ཐམས་པ་བཅས་སོ། །གཞུང་ས་མཆོག་ནས་ (གྲྭ་ཚང་གི་ཡིག་ཆ་གསར་པ) རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་མ་གཏོགས་རྙིང་པ་རྣམས་བལྟ་ཀློག་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་དམ་ཕྲུག་བརྒྱབ་ནས་བཞག་ཡོད་པའི་ལོ་རྒྱུས་འདུག ཁོ་བོས་ནི་ཡིག་ཆ་དེ་དག་མཇལ་མ་མྱོང་། སྒོ་མང་ཡིག་ལའང་གསར་རྙིང་གཉིས་ཡོད་ཅིང་། ཡིག་ཆ་རྙིང་པའི་གྲས་རེད་ཟེར་བའི་དགེ་འདུན་ཉི་ཤུའི་སྐོར་ཞིག་མཇལ་བ་དྲན།
|