1914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངར་བ
Tibetan Definition དེ་ལ་དོན་མང་དུ་ཡོད་པ་ལས། འདིར་རྩི་ཤིང་གི་ལོ་མའི་ཡུ་བའི་མིང་ཡིན་པར། དག་ཡིག་གསར་བསྒྲིགས་ལས་བཤད། དེ་ཉིད་ལས། ལོ་མ་ལྗང་ལ་ངར་བ་དམར། ལོ་མའི་ངར་བ་ཞེས་པ་ལྟ་བུ། ཞེས་གསལ། གཞན་ཡང་། ངར་བ་ནི། འབྲུ་དང་འབྲས་དང་ནས་སོགས་ཀྱི་སྡོང་བུའམ་ཡུ་བའི་མིང་སྟེ། མངོན་བརྗོད་མཁས་པའི་དགའ་སྟོན་ལས། འབྲུ་རྣམས་ཀྱི་ངར་བ་དང་སྙེ་མ་ལ་སོགས་པ་རྣམས་ཀྱི་མིང་། “ངར་བ་སྡོང་བུ” མགུལ་བ་དང་། སྙེ་མ་དང་ནི་དོག་པ་མཚུངས། །གྲ་མ་ལོ་ཐོག་རྩེ་མོ་དང་། །སྐོགས་པ་སྦུན་པ་ཕུབ་མའོ། །ཞེས་གསུངས། དོགས་གཅོད། མགུལ་བ་དང་། སྙེ་མ་དང་ནི་དོག་པ་མཚུངས། །ཞེས་མར་འབྲེལ་དགོས་པ་འདུག