1924

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངུ་འབོད་ཆེན་པོ
Tibetan Definition ཚ་དམྱལ་བརྒྱད་ཀྱི་ལྔ་པ་ངུ་འབོད་ཆེན་པོ་ནི། སེམས་ཅན་དེ་དག་གནས་འཚོལ་ཞིང་ལྕགས་ཀྱི་ཁང་པ་ཉིས་རིམ་གྱི་ནང་དུ་འཇུག་གོ། ཞུགས་པ་དང་མེ་ཀུན་ཏུ་འབར་ནས་སྲེག་པའི་ཚ་དམྱལ་ཞིག་གོ། རྗེའི་ལམ་རིམ་ཆེ་ཆུང་གི་དགོངས་པ་ལྟར་བཀོད། ངུ་འབོད་དང་ངུ་འབོད་ཆེན་པོའི་ཁྱད་པར་ནི། ལྕགས་ཁང་ཉིས་རིམ་ཡོད་མེད་ཀྱི་ཁྱད་པར་ཙམ་ཡིན་པར་གསུངས་སོ། །