193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ་དཀར་ཆག
Tibetan Definition འཇམ་དབྱངས་བཞད་པའི་སྤྲུལ་སྐུ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་ནི། དགེ་ལུགས་ཀྱི་ཆོས་འབྱུང་གླེགས་བམ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་པོད་གཉིས། ཅོ་ནེའི་བསྟན་འགྱུར་པར་མའི་དཀར་ཆག་པོད་གཅིག་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར་སྐུ་སྔ་མའི་ཡིག་ཆ་ལས་མདོར་བསྡུས་པ། བསམ་གཟུགས་བསྡུས་པ། དབུ་མ་བསྡུས་པ། དབུ་མ་འདི་སྤྱི་དོན་ཐལ་ཕྲེང་འབྲེལ་ནས་བཤད་པས། བོད་ཀྱི་ཐལ་ཕྲེང་དབུ་མ་ཐམས་ཅད་ལས་གོ་བདེ་བ་ཞིག་ཡོད་པར་བཤད། མཛོད་བསྡུས་པ། འདུལ་བ་བསྡུས་པ། གསུང་ཐོར་བུ་ཕྱོགས་གཅིག་ཏུ་བསྡུས་པ་བཅས་སོ། །