1956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་བཟུང་གི་སྒྲ
Tibetan Definition 1 དམིགས་སུ་དགར་བའི་ཚིག་ལ། ངེས་བཟུང་གི་སྒྲ་ཟེར། “ནི” སྒྲ་དང་། “ལ” སྒྲ། “དེ” སྒྲ་དང་། “འདི” སྒྲ་རྣམས་ལྟ་བུ། དཔེར་ན་དབྱེ་ན་བཅུ་ཡོད་པ་ལས་དང་པོ་ནི། ཞེས་པའི་ “ནི་སྒྲ” ངེས་བཟུང་གི་སྒྲ་ཡིན་པ་ལྟ་བུ། ལ་སྒྲ་ནི། ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །ཞེས་གཅིག་དག་ལ་ཞེས་པ་ངེས་བཟུང་གི་ཚིག་ཏུ་རྗེའི་ལམ་རིམ་འབྲིང་པོར་གསུངས་པ་ལྟར་རོ། །སི་ཏུ་འགྲེལ་ཆེན་ལས། དེ་ཞེས་པ་བྱེ་བྲག་ངེས་གཟུང་གི་སྒྲ་ཡིན་པས། ཞེས་དང་། ཡང་དེ་ཉིད་ལས། བདུད་རྩི་ཞེས་པའི་མིང་མཐར་ངེས་གཟུང་སོགས་ཀྱི་སྒྲ་ཡོད་ནའང་སྔ་མར་དང་པོ་འཇུག་པས་མིང་རྐྱང་ཉིད་དུ་གནས་པ། བདུད་རྩི་ “དེ།” བདུད་རྩི་“འདི” ལྟ་བུ་དང་། གསེར་ཏོག་སུམ་འགྲེལ་༧༧ལས། ངེས་བཟུང་ནི་གང་ཡིན་དེ་ཉིད་དུ་ངེས་པར་བྱེད་པ་དང་། ཞེས་དང་། ཡང་དེ་ཉིད་༧༦ལས། ངེས་པར་བཟུང་བ་ནི། ཚུལ་ཁྲིམས་ནི་སྲོག་དང་བསྡོས་ཏེ་བསྲུང་བར་བགྱིའོ། །ཞེས་དང་། ཞེས་གསུངས།