1959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་འབྱུང
Tibetan Definition འཁོར་བ་ལ་ཉེས་དམིགས་སུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློའམ། ཐར་པ་དོན་གཉེར་གྱི་བློ་ལ། ངེས་འབྱུང་ངམ་ངེས་འབྱུང་གི་བསམ་པ་ཟེར། ཇི་སྐད་དུ། རྗེ་ཙོང་ཁ་པ་ཆེན་པོས། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨིན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ངེས་པར་འབྱུང་བ་ཞེས་པའི་ཐད་དུ་གཟིགས།