From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངོ་བོ་ཉིད་སྐུ
|
Tibetan Definition
|
མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་འབྱུང་། ངོ་བོ་ཉིད་སྐུའི་མཚན་ཉིད་ནི། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་གོ། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད། དང་པོ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ།
|