2002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅང་ཏེའུ
Tibetan Definition <ཀྲྀ་པ་ཏི> ཌ་མ་རུའི་བྱེ་བྲག་དཔངས་མཐོ་ལ་ངོས་གཉིས་ཀྱི་པགས་པའི་བར་སྐུད་པ་ཕན་ཚུན་སྦྲེལ་བ་ཞིག ཅང་ཏེའུའི་རྒྱུ་ལ་བྱུང་ན་ལོ་བཅུ་དྲུག་ལོན་པའི་སྐྱེས་པའི་ཐོད་པའམ། ལོ་བཅུ་གཉིས་ལོན་པའི་བུ་མོའི་ཐོད་པ་དགོས་པར་བཤད་ཅིང་། མ་འབྱོར་ན་ཤིང་ཡང་རུང་བར་བཤད། སྤྲེའུའི་པགས་པས་ཁ་གཡོགས་པའི་གཡས་སུ་པད་འདབ་བརྒྱད་ལ་ཡབ་ཀྱི་སྙིང་པོ་བྲི། གཡོན་ཀྱི་པད་འདབ་བརྒྱད་ལ་ཡུམ་གྱི་སྙིང་པོ་བྲིས་ནས། ཆུ་བྱའི་རྐང་པས་བརྡུང་བར་བཤད་དོ། །མེ་ལོང་དང་དར་སྣ་འདོགས་པ་ཁུངས་ལྡན་མིན་པར། ཀློང་རྡོལ་བླ་མ་བཤད་དོ། །ཀྲྀ་པ་ཏི་ཞེས་པ་བོད་སྐད་དུ་བསྒྱུར་ན་ཚིམ་བྱེད་ཟེར་བ་ཡིན་འདུག ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོས་དུས་འཁོར་དབང་ཆེན་གནང་དུས་ཕྱག་བསྟར་མཛད་རྒྱུའི་ཌ་མ་རུ་དེའོ། །