From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཅིག
|
Tibetan Definition
|
(བརྡ་སྤྲོད) 1 ཆིག་ཚིག་གི་ཚོད་དུ་འཇུག་པ་ (བྱེ་བྲག་པའམ་ཞིག་གི་དོན) དང་། སྐུལ་ཚིག་ལ་འཇུག་པ་དང་། སྨོན་ལམ་ལ་འཇུག་པའི་ཕྲད་གཞན་དབང་ཅན་ཞིག ༡ ཆིག་གཅིག་གི་ཚོད་དུ་འཇུག་པའི་ “ཅིག” སྒྲ་ནི། གྲངས་ཀྱི་གཅིག་དང་མ་ནོར་བར་བྱེད་དགོས། དཔེར་ན་མང་དག་ཅིག་ཅེས་པ་ལྟ་བུ། ཚིག་བཅད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ཅེས་སྤྱིར་བཏང་ནས། དམིགས་བསལ་ནི། མཐའ་མེད་ལ་” ཅིག” སྦྱོར་བ། དཔེར་ན་རྗེའི་སྔགས་རིམ་ཆེན་མོ་༥༡༡བ་ལས། “གནད་རྣམས་རྒྱས་པ་” ཅིག” གྱིས་ཞེས་ནན་ཏན་གྱིས་བསྐུལ་བ་དང་། ཞེས་དང་། དེའི་མཇུག་ཏུ། ལམ་གྱི་རིམ་པ་ཤིན་ཏུ་རྒྱས་པ་” ཅིག” གྱིས་ཞེས་ཡང་ཡང་བསྐུལ་བའི་དོན་དུ། ཞེས་གསུངས་པ་ལྟ་བུ། གཞན་ཡང་༥༠༨མདུན་ལས། མཐའ་ཡས་པ་” ཅིག” ཅེས་འབྱུང་བ་ལྟ་བུ་རྣམས་ནི་བརྗོད་བདེ་འདྲེན་པའི་ཕྱིར་ཡིན་པར་སེམས་སོ། ། 2 སྐུལ་ཚིག་ལ་འཇུག་པ་ནི། ཉོན་ཅིག་ཅེས་པ་ལྟ་བུ། 3 སྨོན་པ་ལ་འཇུག་པ་ནི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ཅེས་པ་ལྟ་བུ། སྦྱོར་ཚུལ་ནི། ལེགས་བཤད་ལྗོན་དབང་ལས། ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་ན་ཅིག །ཅེས་པ་སྤྱིར་བཏང་དང་། དམིགས་བསལ་ནི། མཐའ་མེད་ལ་” ཅིག” སྦྱོར་བ་གོང་དུ་བཤད་པ་ལྟར་རོ། །མཐའ་མེད་ལ་” ཅིག” སྦྱོར་བ་འདི་བརྗོད་བདེ་འདྲེན་པའི་ཕྱིར་ཡིན་ཞིང་། འགོས་ལོ་གཞོན་ནུ་དཔལ་གྱི་དེབ་སྔོན་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་གཞུང་ཁུངས་ཐུབ་མང་པོར་དེ་ལྟར་སྦྱོར་བར་སྣང་ངོ་། །
|