2045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ཏོ
Tibetan Definition མགོ་སྤུའམ་སྐྲའི་མིང་། ཅོ་ཞེས་པའི་མགོའི་དོན་ཡིན་པར། མདོ་སྡེ་རྒྱན་ལས་གསུངས་ཏེ། ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །མཚན་གྱིས་དྲངས་ཏེ་བྱང་ཆུབ་ལ་དགོད་དོ། །ཞེས་གསུངས་སོ། །སློབ་སྤྲིང་ལས། ཅོ་དོ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་། །ཞེས་གསུངས། དེའི་ཐད་ཀྱི་སློབ་སྤྲིང་དཀའ་འགྲེལ་༡༡༥ན༥ལས། ཅོ་ཏོ་ནི་སྐྲའོ། །ཞེས་གསལ་བར་གསུངས་སོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་སྒྲའི་གནས་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས། ཅོ་ཏོ་ཞེས་པ་མགོ་སྤུ་ཡི། །མིང་ཡིན་མགོ་ལ་ཅོ་ཞེས་པ། །མདོ་སྡེ་རྒྱན་ལས་གསལ་བར་གསུངས། །ཅོ་འདྲི་ཞེས་པ་མགོ་འཁོར་དུ། །འཇུག་པའི་མིང་ཡིན་ཅོ་ཞེས་པ། །ཅི་ཞེས་འདྲི་བའི་ཚིག་ལའང་འབྱུང་། །ཞེས་གསུངས་སོ། །