2049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་འདྲི་བ
Tibetan Definition 1 མཐོ་འཚམ་པ། སྒྲ་བཤད་ནི། ཅོ་ནི་ཅི་ཞེས་པའི་དོན་ཡིན་ལ། འདྲི་བ་ནི་དྲི་བ་འདྲི་བའི་དོན་ཏེ། གཞན་ཉམས་སད་ཅིང་དམའ་དབབ་པའི་ཕྱིར། འདིའི་དོན་ཅི་ཡིན་ཞེས་དྲིས་ཏེ་མཐོ་འཚམ་པའོ། །པཎ་ཆེན་ཤཱཀ་མཆོག་པའི་སྒྲའི་གནས་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཞེས་བྱ་བ་ལས། ཅོ་འདྲི་ཞེས་པ་མགོ་འཁོར་དུ། །འཇུག་པའི་མིང་ཡིན་ཅོ་ཞེས་པ། །ཅི་ཞེས་འདྲི་བའི་ཚིག་ལའང་འབྱུང་། །ཞེས་གསུངས་པ་ལྟར་རོ། །