From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཅོལ་ཆུང
|
Tibetan Definition
|
ཀླད་མེད་བྱབ་ཆུང་། འཁོས་ཆུང་། བློའི་མཐུ་ཞན་པ། བློ་རྒྱ་ཆུང་བ། ཀླད་ཆུང་རྣམས་དོན་གཅིག བུ་སྟོན་ཐམས་ཅད་མཁྱེན་པས། དམ་པའི་ཚུལ་བཟུང་ཚུལ་འཆོས་མཁན་པོ་སྟེ། །སྙན་པར་སྨྲ་ན་མི་ཆོས་ཁ་གསག་ཅན། །ཀུན་དང་བསྟུན་ན་ཅོལ་ཆུང་བློ་སྣ་མང་། །རང་ཚུགས་བཟུང་ན་གྱོང་པོ་ཤིང་ལག་ཅན། །བདག་གི་སྤྱོད་ལམ་ཇི་ལྟར་བྱས་གྱུར་ཀྱང་། །ངན་པའི་བསྙད་པ་མ་བཏགས་མ་བྱུང་ཞིང་། །ཐམས་ཅད་དགའ་བའི་སྤྱོད་པ་མ་ཤེས་པས། །གཅིག་པུར་དབེན་པར་གནས་ན་མི་ལེགས་སམ། །ཞེས་གསུངས་པ་ལྟར་རོ། །
|