2059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་གཉིས་བསྲེས་པའི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བཅུ་གསུམ་པ། ཆ་གཉིས་བསྲེས་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་སྟན་གྱི་རྒྱུའི་བཞི་ཆ་གཉིས་བལ་ནག་དང་དཀར་པོ་དང་འཁོབ་བལ་བསྲེས་ཏེ་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཆ་གཉིས་བསྲེས་པའི་སྟན་བྱས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང། དོན་དང་བྱ་བ་མང་བའོ། །