2070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་ལྔ་པའི་འཁོར་ལོ
Tibetan Definition (འདུལ་བ) ཆའམ་དུམ་བུ་ལྔ་ལྡན་གྱི་སྲིད་པ་འཁོར་ལོ། ཆ་ལྔ་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་དང་ལྔའོ། །འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༤བ༤ལས། བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་བྱའོ། །ཞེས་བཀའ་སལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྲི་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། ཡི་དྭགས་ཀྱི་འགྲོ་བ་དང་། ལྷའི་འགྲོ་བ་དང་། མིའི་འགྲོ་བ་བྲི་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །