From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆད་པ་རྣམ་པ་ལྔ
|
Tibetan Definition
|
(འདུལ་བ) རབ་ཏུ་བྱུང་བ་དང་བྱང་ཆུབ་སེམས་དཔའ་ཟེར་བ་རྣམ་པ་ཐམས་ཅད་དུ་འཇམ་འཇམ་ཁོ་ན་བྱེད་པ་ཞིག་དགོས་སམ་སྙམ་ན། མ་ཡིན་ཏེ། མ་དད་པ་དང་། ལེ་ལོ་ཅན་དང་། བཀའ་བློ་མི་བདེ་བ་དང་། མ་གུས་པ་དང་། སྡིག་པའི་གྲོགས་བྱེད་པ་དེ་དག་ལ་ཆད་པ་རྣམ་པ་ལྔ་གསུངས་ཏེ། མདོ་རྩ་བ་ལས། གནས་པ་ཆད་པས་གཅད་པར་འོས་པ་ཆད་པ་མི་གཅད་པར་མི་བྱའོ། །ཆད་པ་ནི་ལྔའོ། །གཏམ་འདྲེ་བར་མི་བྱ་བ་ (སྐད་ཆ་མི་ཤོད་པ) དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གི་ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་དང་། གནས་དགག་པར་བྱ་བའོ། །ཞེས་གསུངས་པ་ལྟར་རོ། །
|