2100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆད་མཐའ
Tibetan Definition (དབུ་མ) མེད་མཐའ་དང་དོན་གཅིག་སྟེ། ལས་འབྲས་དང་སྐྱེ་བ་སྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་མེད་པ་ལ་ཟེར། དེ་ལྟར་དུ་འཛིན་ན་ཆད་མཐར་ལྷུང་བ་ཞེས་བྱའོ། །སྒྲ་བཤད་ནི། ཆད་པ་ནི་མེད་པའམ་རྒྱུན་ཆད་པས་ན་དེ་སྐད་ཅེས་བྱའོ། །རྩ་ཤེ་ལས། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །ཞེས་གསུངས་སོ། །