From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆད་མཐར་ལྷུང་བ
|
Tibetan Definition
|
(དབུ་མ) ལས་འབྲས་དང་སྐྱེ་བ་སྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་མེད་པར་འཛིན་པ་ལ་ཟེར། འདི་ལ་ཆད་ལྟ་ཟེར། སྟོང་ཐུན་སྐལ་བཟང་མིག་འབྱེད་༥༥ན༢ལས། གཉིས་པ་མེད་མཐའ་ནི། ཕྱི་རོལ་པ་དག་གིས། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་དང་། དངོས་པོ་རྣམས་ལ་རྒྱུ་མེད་པར་ལྟ་བ་ལ་སོགས་པ་དང་། རང་སྡེ་ཁ་ཅིག་གིས། བར་སྲིད་མེད་པར་ལྟ་བ་སོགས་མེད་པར་ལྟ་བ་ཡིན་པར་མ་ཟད། དངོས་སྨྲ་བ་དག་གིས་དངོས་པོ་རང་བཞིན་གྱིས་གྲུབ་པ་སྐད་ཅིག་གཉིས་པར་རྒྱུན་ཆད་པར་ལྟ་བ་ཡང་ཆད་ལྟ་ཡིན་ཏེ། བུམ་པ་རང་བཞིན་གྱིས་ཡོད་ན་ཡོད་པ་དེ་བུམ་པའི་གནས་ལུགས་སུ་གྲུབ་དགོས་ཤིང་། དེ་དུས་གཉིས་པར་རྒྱུན་ཆད་ན་གནས་ལུགས་ལ་སྐུར་འདེབས་སུ་འགྱུར་བའི་ཕྱིར་དན་། གོང་དུ་བཤད་པ་ལྟར་རང་བཞིན་གྱིས་ཡོད་ན་རྟག་ཡིན་དགོས་ལ། དེ་སྐད་ཅིག་གཉིས་པར་ཞིག་པར་སྨྲས་ན་རྟག་པ་རྒྱུན་ཆད་པར་སྨྲ་དགོས་པའི་ཕྱིར་རོ། །དེའི་ཕྱིར། རྩ་ཤེ་ལས། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །ཞེས་གསུངས།
|