2125
Jump to navigation
Jump to search
ཆར་སྡོད་བྱིའུ | |
Tibetan Definition | ཁུག་རྟའི་མིང་། མངོན་བརྗོད་མང་པོ་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་མཆན་དུ་སྤང་ལོ་ཙཱ་བས་ཁུག་རྟའི་མིང་ཡིན་པར་བཤད་དེ་ཁུག་རྟ་ལ་ཆར་སྡོད་བྱིའུ་དང་། སཱ་རཏྣ་དང་། ཙ་ཏ་ཀ་དང་། ཆར་དགའ་དང་། སྤྲིན་ལ་སློང་ཞེས་པ་སོགས་མིང་གི་རྣམ་གྲངས་མང་དུ་བཤད་དོ། །ས་སྐྱ་ལེགས་བཤད་ལས། མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང༌། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱེའུ་སྐོམ་ན་ཡང༌། །ས་ལ་བབས་པའི་ཆུ་མི་འཐུང༌། །ཞེས་གསུངས་པ་ལྟ་བུ། |
---|