2132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆིངས་མ
Tibetan Definition (མིང་ཚིག) འཆིང་བ་དང་དོན་གཅིག འཆིང་བྱེད་དམ་སྡོམ་བྱེད། ལུང་རྣམ་འབྱེད་༼ ཅ་པ ༽༥༨ན༧ལས། འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་ལྕགས་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྩྭ་ལས་བྱས་པ་དག་གིས་སོ། །ཞེས་གསུངས་པ་ལྟར་རོ། །ཚོམས་ལས། ལྕགས་ཤིང་གྲེས་མ་ལས་བྱས་ཆིངས་མ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པ་གསུང་། །འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་། །རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པ་གསུང་། །ཞེས་གསུངས་སོ། །