From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་ཀླུང་སྐལ་ལྡན་ཤིང་རྟ
|
Tibetan Definition
|
(འདུལ་བ) ཆུ་བོ་གངྒཱའི་མིང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༡༣ན༤ལས། ཆུ་ཀླུང་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ནི་ཆུ་ཀླུང་གངྒཱའོ། །ཞེས་གསུངས་པ་ལྟར་རོ། ། འདུལ་བ་ལུང་གཞི་༼ ང ༽ལས། དེ་ན་གྲོང་ཁྱེར་གྱི་དཔོན་པོ་སྡེ་ཅན་ཞེས་བྱ་བ་དེ་ལ་བུ་མོ་གཉིས་ཡོད་དེ། དགའ་མོ་དང༌། དགའ་སྟོབས་མའོ། །དེ་གཉིས་ཀྱིས་ཤཱཀྱ་རྣམས་ཀྱི་གཞོན་ནུ། གངས་རིའི་ངོས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བར་བྱུང་བ་དེ། ཞེས་གསུངས་པ་ལྟར་རོ། །
|