From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་རྫོབ
|
Tibetan Definition
|
(སམ་པྲྀ་ཏ) 1 གཏི་མུག་བདེན་འཛིན་ལ། ཀུན་རྫོབ་ཅེས་ཟེར་རོ། །དེའི་རྒྱུ་མཚན་ཡང་དེས་ཆོས་རྣམས་ཀྱི་གནས་ལུགས་ཡང་དག་པར་རམ་ཡོངས་སུ་སྒྲིབ་པར་བྱེད་པས་ན། དེ་ལ་ལེགས་སྦྱར་དུ་སམ་པྲྀ་ཏ་དང་། དེ་བོད་སྐད་དུ་ཐད་སྒྱུར་བྱས་ན་ “ཡང་དག་སྒྲིབ་བྱེད” ཅེས་བྱའོ། །ངེས་ཚིག་ནི། སམ་ཞེས་པ། ཡང་དག་པར། ཀུན་ནས། ཡོངས་སུ། ཉེ་བར། ལེགས་པར། ཞེས་བྱ་བའི་ཚིག་ཕྲད་དང་། པྲྀ་ཏ་ཞེས་པ་ནི། རྫོབ་པ། (བརྫབ་པ། རྫོབ་པ། བརྫབས་པ) སྒྲིབ་པ། བཅིངས་པ་བཅས་ལ་འཇུག་པར་བཤད་དོ། །སྒྲ་བཤད་ནི། “ཀུན” ནི་ཀུན་ནས་ཏེ་ཡང་དག་པར་རམ་ཡོངས་སུ་ཞེས་པ་ཡིན་ལ། “རྫོབ”ནི་རྫོབ་པ་སྟེ་སྒྲིབ་པའི་དོན་ཡིན་པས་ཀུན་རྫོབ་ཅེས་བྱའོ། །དེ་ཡང་ཚིག་གསལ་ལས། ཀུན་ནས་སྒྲིབ་པས་ཀུན་རྫོབ་སྟེ། ཞེས་གསུངས་པ་ལྟར་རོ། ། 2 ཕན་ཚུན་བརྟེན་པ། ཚིག་གསལ་ལས། ཡང་ན་ཕན་ཚུན་བརྟེན་པས་ཀུན་རྫོབ་སྟེ། ཕན་ཚུན་བརྟེན་པ་ཉིད་ཀྱིས་ན་ཞེས་བྱ་བའི་དོན་ནོ། །ཞེས་གསུངས། 3 འཇིག་རྟེན་གྱི་ཐ་སྙད། ཚིག་གསལ་ལས། ཀུན་རྫོབ་ནི་བརྡ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་རྗོད་པ་དང་བརྗོད་བྱ། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས། 4 རྣམ་པར་འབྱེད་པ། རྟོག་གེ་འབར་བ་ལས། གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ན་ཀུན་རྫོབ་སྟེ། ཞེས་གསུངས་པ་ལྟར་རོ། ། 5 དཔྱད་མི་བཟོད་པ། སློབ་དཔོན་སེངྒེ་བཟང་པོས། རྣམ་པར་དཔྱད་པའི་དཔུང་མི་བཟོད་པས་ནས་ཀུན་རྫོབ། ཅེས་གསུངས་པ་ལྟར་རོ། །6 རྫུན་བག (ཕྱི་མ་གསུམ་པོ་འདི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ན་གསལ་བ་ལྟར་རོ)
|