2144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་པ
Tibetan Definition ཕྱུ་པ་དང་དོན་གཅིག སྒྲ་བཤད་ནི། ཆར་ཆུ་སྐྱོབ་བྱེད་ཡིན་པས་མིང་དེ་ལྟར་ཐོགས་པར་སེམས། དུས་རབས་བཅུ་དགུ་པའི་ནང་Heinrich Jaschke (1817-188 3) ཡིས་བསྒྲིགས་པའི་ “A Tibetan English Dictionary” བོད་དབྱིན་ཤན་སྦྱར་ཚིག་མཛོད་དང་། དུས་རབས་ཉི་ཤུ་པའི་ནང་བསྒྲིགས་པའི་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་དུའང་ཆུ་པ་ཞེས་གསལ། (དགེ་བཤེས་ཆོས་གྲགས་ལགས་ཨ་མདོ་དགེ་འདུན་ཆོས་འཕེལ་དང་མི་ཐོག་གཅིག་པ་ཡིན་ཞིང་། ཁོང་གཉིས་བློ་མཐུན་གྲོགས་པོའང་ཡིན་པར་སྣང་ངོ) གོང་གི་བོད་དབྱིན་ཚིག་མཛོད་རྩོམ་པ་པོ་ Heinrich Jaschke ནི། བོད་དུ་ཡེ་ཤུའི་ཆོས་སྤེལ་མཁན་གྱི་ “མི་ཤི་ན་རི” Missionary ཟེར་བ་དེ་འདྲ་ཞིག་ཡིན་ལ། ཟླ་བ་ཁོལ་ Saras chandradas ནི་དབྱིན་ཇིས་བོད་ལ་བཏང་བའི་སོ་ཉུལ་ཞིག་ཀྱང་ཡིན་པར་སྣང་བས། ཁོང་གཉིས་ཀྱི་ཀུན་སློང་ནི་ཆོས་ལུགས་བསྒྱུར་རྒྱུ་དང་སོ་ཉུལ་བྱ་རྒྱུར་སྣང་བས་དེ་ཙམ་ལེགས་རྒྱུ་མི་འདུག་མོད། འོན་ཀྱང་བོད་ཀྱི་རིག་གཞུང་ལ་ནི་ཞབས་འདེབས་རླབས་པོ་ཆེ་བསྒྲུབས་པ་ནི་བསྙོན་དུ་མེད་དོ། །འོན་ཀྱང་ Saras chandradas ཟླ་བ་ཁོལ་ནི་ཐོག་མའི་ཀུན་སློང་སོ་ཉུལ་དང་ཆོས་ལུགས་བསྒྱུར་རྒྱུ་ཡིན་ཀྱང་། ཕྱིས་སུ་རིམ་པས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་ཤས་ཆེར་གནང་བ་ན། དེ་དག་གིས་ཡིད་འཕྲོགས་ཏེ་ཧ་ལམ་ནང་པར་ཞུགས་མེད་དམ་སྙམ་དུ་དོགས་སོ། །