From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་བོ་རབ་མེད
|
Tibetan Definition
|
2 ཉེ་འཁོར་བའི་དམྱལ་བའི་ཡ་གྱལ་ཞིག་སྟེ། ཁྲོ་ཆུ་ཁོལ་བའི་དམྱལ་བའི་ཆུ་བོ་ཆེན་པོའོ། །ཡན་ན་ཐལ་ཚན་ནམ་ཐལ་ཆུ་ཁོལ་མའི་དམྱལ་བའི་ཆུ་བོ་ཆེན་པོ་ལ་ཟེར་ཏེ། དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། ལྷག་མ་བཞི་པོ་ནི་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་སྟེ། གང་དུ་སེམས་ཅན་དེ་དག་སྐྱེས་བུ་ལག་ན་རལ་གྲི་དང་། མདུང་ཐུང་དང་། ཐག་མདུང་ཐོགས་པ་དག་གིས་འགོག་ཅིང་། དཔེར་ན་ཕྲུ་བ་ཆུ་མང་པོས་བཀང་བའི་ཐབ་ཏུ་བཅུག་པའི་ནང་དུ་ཏིལ་དང་འབྲས་ཐུག་པོ་ཆེ་ལ་སོགས་པ་བླུགས་པ་བཞིན་དུ། སྟེང་དུ་འགྲོ་ན་ཡང་གདུ་ཞིང་འཚེད་ལ། འོག་དང་ཐད་ཀར་འགྲོ་ན་ཡང་གདུ་ཞིང་འཚེད་པར་བྱེད་པའོ། །དེས་ཀྱང་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་རོ། །ཞེས་གསུངས། མཆིམས་མཛོད་ལས་ཀྱང་། དེའི་ཕ་རོལ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཡོད་དེ། དེར་དམྱལ་བ་དག་འབྲས་འཚེད་པ་བཞིན་དུ་འཚེད་པ་ཡིན་ནོ། །ཞེས་གསུངས། རྗེའི་ལམ་རིམ་ཆེན་མོར། ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བས་གང་བ་ཡོད་དེ། དེར་སེམས་ཅན་གནས་འཚོལ་བ་དེ་དག་ལྷུང་ནས་སྟེང་འོག་ཏུ་འགྲོ་ཞིང་འཚེད་པ་ནི། དཔེར་ན་ཟངས་ཆུས་བཀང་བ་མེ་ཆེན་པོ་སྤར་བའི་ནང་དུ་སྲན་མ་ལ་སོགས་པ་བླུགས་པ་བཞིན་ནོ། །ཞེས་གསུངས།
|