From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་ལོན
|
Tibetan Definition
|
(འདུལ་བ) 1 ཟམ་པ། སོ་སོར་ཐར་པའི་མདོ་དང་། ལུང་རྣམ་འབྱེད་༼ ཅ ༽༢༡བ༦ལས། འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་གསུངས། དེའི་ཐད་ཀྱི་རྣམ་འབྱེད་འགྲེལ་༨བ༢ལས། བདེ་འགྲོར་འགྲོ་ཞིང་འཇུག་པའི་ངེས་པ་བརྟན་པོ་གཅིག་ཏུ་གྱུར་པའི་ཆུ་ལོན་ཟམ་པ་ཞེས་བྱ་བས་གཞི་དང་འབྲེལ་བའི་རྒྱུན་ས་ཡིན་ཏེ། ཞེས་གསུངས་སོ། ། 2 ཆུ་རགས། ལུང་རྣམ་འབྱེད་༼ ཅ་པ ༽༢༨ན༧ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ་རྒྱལ་ཚབ་ཆོས་རྗེའི་བསྟོད་པ་དཔལ་ལྡན་ཡོན་ཏན་མ་ལས། བག་ཡོད་ཆུ་ལོན་བརྟན་པོ་ཡིས། །ཉེས་པའི་ཆུ་ཀླུང་རྒྱུན་བཅད་ནས། །བརྟུལ་ཞུགས་རྫོགས་པའི་དྲང་སྲོང་མཆོག །ཀུན་མཁྱེན་རལ་པའི་ཅོད་པན་མཛེས། །ཞེས་གསུངས་པ་ལྟར་རོ། །
|