2188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ལོན་གྱི་ཐུབ་པ་ཆེན་པོ་བདུན
Tibetan Definition འཕགས་པ་ཀླུ་སྒྲུབ་ཀྱིས་ཆུ་ལོག་གི་འཇིགས་པ་ཞི་བའི་ཆེད་དུ་བྲག་ངོས་སུ་བསྐོས་པའི་ཐུབ་པའི་སྐུ་བརྙན་ཆེན་པོ་བདུན། འདིའི་ལོ་རྒྱུས་ནི། རྡོ་རྗེ་གདན་གྱི་ཤར་ངོས་ལ་ཆུའི་གནོད་པ་ཆེན་པོ་བྱུང་བའི་ཚེ། ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་ཆེན་པོ་བསྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུ་རགས་ཀྱི་ཚུལ་དུ་བྱས་པས་ཆུའི་གནོད་པ་བཟློག ཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན། ཆུའི་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་ནི་མུན་སྤྲུལ་ལོ། །ཞེས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༧༨ན་གསལ་བ་ལྟར་རོ། །