2189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ཤིང
Tibetan Definition 1 རྒྱ་གར་གྱི་ཤིང་ཐོག་ཀེ་ལཱ་ཞེས་པ་དེའི་སྡོང་པོའོ། །དེ་ནི་ལོ་འདབ་ཤིན་ཏུ་ཆེ་ལ་འབྲས་བུ་ལན་མང་པོ་མི་སྦྱིན་པར་ཐེངས་གཅིག་སྐྱེས་ནས་སྐམ་འགྲོ་བ་ཞིག་སྟེ། སྤྱོད་འཇུག་ཆེན་མོ་ལས། དགེ་བ་གཞན་ཀུན་ཆུ་ཤིང་ཇི་བཞིན་དུ། །འབྲས་བུ་སྤྱད་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོང་ཤིང་རྟག་པར་ཡང་། །འབྲས་བུ་སྤྱད་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྒྱ་གར་བས་འདི་ལ་केला ཀེ་ལཱ་ཟེར། དབྱིན་སྐད་དུ་banana tree ཟེར།