From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་རྫོབ་སེམས་བསྐྱེད
|
Tibetan Definition
|
གཞན་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཞིག་ལ་ཟེར། ཀུན་རྫོབ་སེམས་བསྐྱེད། ཐེག་ཆེན་སེམས་བསྐྱེད། སེམས་བསྐྱེད། (སྤྱིར་སེམས་བསྐྱེད་ལ། ཐེག་ཆེན་སེམས་བསྐྱེད་དང་། ཐེག་དམན་གྱི་སེམས་བསྐྱེད་ཀྱི་ཐ་སྙད་ཡོད་རུང་། སེམས་བསྐྱེད་ཅེས་སྤྱི་ལྡོག་ནས་བརྗོད་ཚེ། ཐེག་ཆེན་སེམས་བསྐྱེད་ཉིད་ལ་གོའོ) བྱང་ཆུབ་ཀྱི་སེམས་རྣམས་དོན་གཅིག སྒྲ་བཤད་ནི། སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུ་ལ་དམིགས་ནས་དེ་དོན་དུ་གཉེར་བས་ན་དེ་སྐད་ཅེས་བྱའོ། །
|