221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་སྒྱུ་སྦས
Tibetan Definition སྒྱུ་ལུས་ལ་ཀུན་རྫོབ་སྒྱུ་མའི་སྦས་པ་ཞེས་བྱ། དེ་ཡང་རྒྱུད་དེ་འོག་མ་གསུམ་གྱི་གང་ཟག་ལྟ་བུ་སྣོད་མིན་ལ་སྦས་པས་ན་སྦས་པ་ཞེས་བྱ། དེ་ལ་གཞིའི་ཀུན་རྫོབ་སྒྱུ་སྦས་ནི། ཕྲ་བ་ཉུག་མའི་ལུས་དང་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོ་རླུང་གི་ལུས་ཅན་ནོ། །ལམ་གྱི་ཀུན་རྫོབ་སྒྱུ་སྦས་ནི། དབེན་པ་གསུམ་གྱི་སྐབས་ཀྱི་ཡིད་ངོའི་སྒྱུ་ལུས་དང་རིམ་པ་གསུམ་པའི་སྒྱུ་ལུས་སོ། །