From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་ཤེས་ཀཽཎྜི་ནྱ
|
Tibetan Definition
|
<ཨཱ་ཛྙཱ་ཏ་ཀཽཎྜི་ནྱ> (འདུལ་བ) འཁོར་ལྔ་སྡེའི་ཡ་གྱལ་ཞིག Ajňānata Kauņdinya कौिणङनय འདི་ལ་ཀུན་ཤེས་ཞེས་པའི་རྒྱུ་མཚན་ནི། སྟོན་པས་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། ཀུན་ཤེས་ཀཽཎྜི་ནྱས་མཐོང་ལམ་ཐོབ་པ་ན། སྟོན་པས་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས་ལན་གསུམ་དྲིས་པས། ཀུན་ཤེས་སོ་ཞེས་ལན་བཏབ་པ་ན་མཚན་དེ་ལྟར་ཐོགས་སོ། །ཆོས་ཀྱི་འཁོར་ལོའི་མདོ་༼ ས ༽༢༧༦བ་༢ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ལ་བཀའ་སྩལ་པ། ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽཎྜི་ནྱ་ཀུན་ཤེས་སམ་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱ་ཀུན་ཤེས་ཀཽཎྜི་ནྱ་ཞེས་ཚིག་བླ་དྭགས་སུ་བཏགས་སོ། །ཞེས་གསུངས་སོ། །ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་། བདེན་བཞིའི་ངོ་བོ་བྱ་བ་འབྲས་བུ་སྟེ། བཟླས་པ་གསུམ་གྱིས་རྣམ་པ་བཅུ་གཉིས་ཀྱི། །ཆོས་འཁོར་ལོ་གྲངས་མི་ཉུང་བ་རུ་བསྐོར། །དང་པོས་ཀཽཎྜི་ནྱས་མཐོང་ལམ་ཐོབ། །སྟོན་པས་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས། །ལན་གསུམ་སྨྲས་པས་ཀུན་ཤེས་མཚན་དུ་གྱུར། །ཞེས་ཀྱང་གསུངས་སོ། །
|