From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆེ་གེ་མོ
|
Tibetan Definition
|
(འདུལ་བ) གང་ཟག་གི་མིང་ཚབ། འདུལ་བ་ལུང་གཞི་ལས། ལྷ་བཙུན་མོ་ཆེ་གེ་མོ་ཞེས་བགྱི་བའི་མུ་ཏིག་གི་དོ་ཤལ་སྐྱེད་མོས་ཚལ་དུ་ལུས་ལགས་སོ། །ཞེས་དང་། ཡང་དེ་ཉིད་ལས། ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བའི་བུ་རྣམས་ཀྱི་ཁ་སྤུ་བཅོས་པའི་ལས་སུས་ཀྱང་མི་བྱའོ་ཞེས་བཅས་སོ། །ཞེས་དང་། རྒྱ་ཆེར་རོལ་པའི་མདོ་ལས། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་ཀྱང་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །ཞེས་གསུངས་པ་ལྟར་རོ། །ཡང་ “ཆེ་གེ་མོ” གང་ཟག་ལས་གཞན་པ་ལ་སྦྱར་བའང་ཡོད་དེ། ཡང་ཆེ་གེ་མོ་ཞེས་པ་གང་ཟག་ལས་གཞན་པ་ལ་སྦྱར་བ་ཡོད་དེ། འདུལ་བ་ལུང་གཞི་ལས། ཕྱོགས་ཆེ་གེ་མོ་ཞིག་ན་གསེར་གྱི་ཁ་དོག་ཏུ་སྣང་བར་སྒྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ནས་ཀྱང་འདིར་འོངས་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་གྲོང་ཆེ་གེ་མོ་ནས་གྲོང་ཆེ་གེ་མོར་སོན་ཏོ། །ཞེས་གསུངས་པ་ལྟར་རོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས་ཀྱང་། ཅིག་ཤོས་གཞན་པ་ཆེ་གེ་མོ། །ཞེས་གསུངས་སོ། །ཆེ་གེ་མོ་དང་། ག་གེ་མོ་གཉིས་ཀྱི་ཁྱད་པར་ནི། ཆེ་གེ་མོ་ནི་གཙོ་བོར་གང་ཟག་ལ་སྦྱོར་ཞིང་། ག་གེ་མོ་ནི་གཙོ་བོར་ཡུལ་དང་ཕྱོགས་སོགས་གང་ཟག་ལས་གཞན་པའི་ཆོས་ལ་སྦྱར་དགོས་པ་ཡིན་ཏེ། དཔེར་ན་གང་ཟག་ཆེ་གེ་མོ་ཞིག་གིས། ཡུལ་ག་གེ་མོ་ཞིག་ཏུ་བྱ་བ་འདི་དང་འདི་ཞེས་བྱ་བ་བྱས་སོ། །ལྟ་བུའོ། །
|