223
Jump to navigation
Jump to search
ཀུན་ཤེས་གཅིག་རྡུགས | |
Tibetan Definition | ཐམས་ཅད་ཤེས་ཁུལ་བྱེད་ཀྱང་། གཅིག་ལའང་ཐོགས་པ། ཡང་ན་རྣམ་གྲངས་མང་པོ་ཞིག་ཤེས་ཁུལ་བྱེད་ཀྱང་། ཁུངས་འཁྱོལ་བ་གཅིག་ཀྱང་མེད་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། ཟབ་དོན་གྱི་ཉམས་ལེན་བྱེད་འདོད་ཀྱང་། །རྙེད་གྲགས་ཀྱི་མི་མགོ་བསྐོར་ཕྱིར་དུ། །ཆོས་ཆུང་གི་རྣམ་གྲངས་གསོག་གསོག་ནས། །ཀུན་ཤེས་ཀྱི་གཅིག་རྡུགས་འབྱུང་ཉེན་གདའོ། །ཞེས་གསུངས་པ་ལྟར་རོ། །རྡུགས་པ་ནི་འདིར་ཐོགས་པའི་དོན་ནོ། ། |
---|