2233
Jump to navigation
Jump to search
ཆེ་བ | |
Tibetan Definition | 4 <ཨ་བྷི་མཱཏྲ> རབ་བམ་མཆོག བསླབ་བྱ་ལ་ཚུལ་བཞིན་དུ་སློབ་པར་འདོད་པའི་སྐྱེས་བུ། ཆེ་བའི་བདག་ཉིད། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས། ཆེ་བ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་ཏེ། བསླབ་པ་འདོད་པའི་ཕྱིར་རོ། །ཞེས་གསུངས། སོ་སོར་ཐར་པའི་མདོ་ལས། ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་པའི་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ཐར་པར་འགྱུར། །ཞེས་གསུངས་པ་ལྟར་རོ། ། |
---|