From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆེ་བ་གཉིས་ལྡན་གྱི་ཆོས
|
Tibetan Definition
|
ཆེ་བ་གཉིས་ལྡན་གྱི་ཆོས་ཞེས་པ་བྱང་ཆུབ་ལམ་སྒྲོན་ལ་གོ་དགོས། འོ་ན་ལམ་སྒྲོན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་དང་བཞི་དང་ལྡན་པ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། འདིའི་ཆེ་བ་གཉིས་ནི། མཛད་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་གཉིས་ལ་བྱའོ། །དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར། མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར། ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །ཞེས་གསུངས་སོ། །
|