From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆེན་པོ
|
Tibetan Definition
|
ཆུང་ངུའི་ལྡོག་ཕྱོགས། ཆེན་པོའི་སྒྲ་འཇུག་གཞི་བརྒྱད་ཡོད་དེ། 1 མཆོག སྐྱེས་བུ་ཆེན་པོ་ཞེས་པའི་ཚིག་བསྡུས་ནས། ཆེན་པོ་ཞེས་བརྗོད་པའི་སྐབས་ཀྱང་མང་དུ་ཡོད། ཐེག་པ་མཆོག་ལ་ཐེག་པ་ཆེན་པོ་ཞེས་པ་ལྟ་བུ། རྗེའི་རིམ་ལྔ་གསལ་སྒྲོན་ལས་ཀྱང་། སྲོག་ནི་སྲོག་རླུང་དང་། ཆེན་པོ་ནི་མཆོག་གི་དོན་ནོ། །ཞེས་གསུངས་པ་ལྟར་རོ། ། 2 ཚད་མེད་པ། བྱམས་པ་ཚད་མེད་ལ་བྱམས་པ་ཆེན་པོ་ཞེས་པ་ལྟ་བུ། 3 མང་དུ་ཤེས་པ། རིག་པའི་གནས་མང་དུ་ཤེས་པ་ལ་མཁས་པ་ཆེན་པོ་ཞེས་པ་ལྟ་བུ། 4 འབར་བ། བརྩོན་འགྲུས་འབར་བར་གྱུར་པ་ལ་བརྩོན་འགྲུས་ཆེ་བའ་ཆེན་པོ་ཞེས་པ་ལྟ་བུ། 5 ལྷག་པར་གྱུར་པ། སྤྲོ་ཤུགས་ལྷག་པར་གྱུར་པ་ལ་སྤྲོ་བ་ཆེ་བ་ཞེས་པ་ལྟ་བུ། 6 ལས་ཤིན་ཏུ་བྱ་བར་དཀའ་བ་བསྒྲུབ་པ། དཔེར་ན་ལས་ཤིན་ཏུ་བྱ་བར་དཀའ་བ་བསྒྲུབ་པ་ལ་ལས་ཀྱི་བདག་ཉིད་ཆེན་པོ་ཞེས་པ་ལྟ་བུ། 7 ཤིན་ཏུ་རྨད་དུ་བྱུང་བ། ཤིན་ཏུ་རྨད་དུ་བྱུང་བ་ལ་ངོ་མཚར་ཆེའམ་ཆེན་པོ་ཞེས་པ་ལྟ་བུ། 8 ཐེག་ཆེན་གྱི་ལས་སྒྲུབ་པར་བྱེད་པ་པོ། ཐེག་ཆེན་གྱི་ལམ་སྒྲུབ་པར་བྱེད་པ་པོ་ལ་སྐྱེས་བུ་ཆེན་པོ་ཞེས་པ་ལྟ་བུའོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས། སྡོམ་ནི། ཆེན་པོའི་སྒྲ་ནི་མཆོག་དང་ནི། །ཚད་མེད་པ་དང་མང་དུ་ཤེས། །འབར་དང་ལྷག་པར་གྱུར་པ་དང་། །ལས་དཀའ་སྒྲུབ་དང་རྨད་དུ་བྱུང་། །ཐེག་ཆེན་ལམ་ནི་སྒྲུབ་པ་པོ། །འདི་ནི་སྡོམ་དུ་བསྡུས་པའོ། །ཞེས་ཀྱང་སྨྲའོ། །
|