2266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོ་ག
Tibetan Definition (འདུལ་བ) <ཀལྤ> 1 (འདུལ་བ) ཐབས་དང་། སྟ་གོན་བཅས་ལ་འཇུག གཞན་ཡང་དཔེར་ན་རབ་ཏུ་བྱུང་བའི་ཐབས་ལ་རབ་ཏུ་བྱུང་བའི་ཆོ་ག་ཞེས་པ་ལྟ་བུ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ལས་ཀྱང་། སྤྱིར་ཡང་ཆོ་ག་ཞེས་བྱ་བ་ནི་དེ་འགྲུབ་པའི་ཐབས་ཀྱི་བྱ་བའི་མིང་སྟེ། (ཞེས་སོགས་ནས) རྒྱ་མཚོ་ལས་ནོར་བུ་ལེན་པའི་ཐབས་ལ་དེའི་ཆོ་གར་གྲགས་པ་ལྟ་བུའི་ཕྱིར། ཞེས་གསུངས་པ་ལྟར་རོ། །གཞན་ཡང་། མཚོ་ཊཱིཀ་ལས། གལ་ཏེ་རང་བྱུང་དང་ཚུར་ཤོག་ལ་སོགས་པ་དེ་རྣམས་ཆོས་ཅན། སྔོན་གྱི་ཆོ་ག་མ་ཡིན་པར་ཐལ། ཆོ་ག་རང་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། ཚུར་ཤོག་ལ་སོགས་པ་དེ་རྣམས་ནི་ཆོ་ག་ཡིན་ཏེ། རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར་དང་། རིགས་པ་རྗེས་སུ་སྒྲུབ་པ་ཡིན་པའི་ཕྱིར་རོ་ཞེས་རེ་རེ་ནས་བརྗོད་དོ། །དེ་ཡང་ལུང་རྣམ་འབྱེད་ལས་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་ཡིན་པའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས། ཆོ་ག་ཞེས་བྱ་པ་ནི་རིགས་མི་རིགས་པ་རྗེས་སུ་བསྒྲུབ་པ་མ་ཡིན་གྱི། (རིགས་པ་ནི་ཚུལ་མཐུན་གྱི་སྤྱོད་པ་ལ་ཟེར་ལ) པ་རྗེས་སུ་སྒྲུབ་པ་ (དེ་སྒྲུབ་བྱེད་ཀྱི་ཐབས) ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཞེས་གསུངས།  2 (འདུལ་བ) བྱ་བ། དཔེར་ན་གནས་མལ་བཤམས་པའི་བྱ་བ་ལ། གནས་མལ་གྱི་ཆོ་ག་ཞེས་པ་ལྟ་བུ།  3 (འདུལ་བ) སྤྱོད་པ། སྤྱོད་ལམ། སྤྱོད་ཚུལ། དཔེར་ན་ཚུལ་ཁྲིམས་ཉམས་པ། ལྟ་བ་ཉམས་པ། ཆོ་ག་ཉམས་པ་ཞེས་པའི་ཆོ་ག་ནི་སྤྱོད་པའི་མིང་ཡིན་པའི་ཕྱིར་རོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཆོ་ག་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་པ་ངང་ཚུལ་སྤྱོད་ཉིད་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། ། 4 ཞབས་བརྟན་དང་རིམ་གྲོའི་མིང་། ཆོ་ག་གཏོང་ལྟ་བུ། བསྡུས་ན་ཆོག་ཅེས་ཟེར་ཏེ། དཔེར་ན་སྒྲོལ་ཆོག་དང་གྲོང་ཆོག་ཅེས་པ་ལྟ་བུ། སྒྲ་བཤད་ནི། བཅོས་ཀ་ (བཅོས་ཐབས) ཞེས་བརྗོད་པའི་སྒྲ་དེ་རང་ལས་ཆོ་ག་ཞེས་བྱུང་བར་ངེས་སོ། ། 5 ལེའུ། རྟོག་པ། རབ་བྱེད་བཅས་ལ་འཇུག རྗེའི་འགྲེལ་པ་བཞི་སྦྲགས་ལས། ཆོ་གའི་སྐད་དོད་ཀལྤ་ཞེས་པ་རྟོག་པ་ལ་ཡང་འགྲོ་བས། རྟོག་པ་བཅུ་བདུན། དུམ་བུ་བཅུ་བདུན། རིམ་པར་ཕྱེ་བ་བཅུ་བདུན་ཏེ། མདོར་ན་གཞུང་ལ་ལེའུ་དུ་ཡོད་པའི་ཚད་དོ། །ཞེས་གསུངས་པ་ལྟར་རོ། །ཆོ་གའི་སྒྲ་འཇུག་ཡུལ་གཞན་ཡང་མང་དུ་ཡོད་པ་གཞན་ལས་ཤེས་པར་བྱའོ། །6 གྲུབ་མཐའི་གཞུང་ལུགས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༦༥ན༧ལས། ཆོ་ག་ཞེས་བྱ་བ་ནི་གྲུབ་པའི་མཐའི་གཞུང་ལུགས་སོ། །ཞེས་གསུངས་སོ། །