From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོ་ག་ཉམས་པ
|
Tibetan Definition
|
2 (འདུལ་བ) སྤྱོད་པ་ཉམས་པ་ལ་ཟེར། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཚུལ་ཁྲིམས་ཀྱིས་རྒུད་པ་ནི་ཚུལ་ཁྲིམས་ཉམས་པའོ། །ལྟ་བས་རྒུད་པ་ནི་ལྟ་བ་ཕྱིན་ཅི་ལོག་པ་དང་སྨད་པ་ཅན་ནོ། །ཆོ་གས་རྒུད་པ་ནི་སྤྱོད་ཡུལ་མ་ཡིན་པར་འགྲོ་བ་དང་འོང་བ་ལ་སོགས་པའོ། །ཞེས་གསུངས་ཤིང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཚུལ་ཁྲིམས་ཉམས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པའོ། །ལྟ་བ་ཉམས་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ལ་སོགས་ཀུན་ཏུ་སྤྱད་པའོ། །ཆོ་ག་ཉམས་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པའོ། །འཚོ་བ་ཉམས་པ་ཞེས་བྱ་བ་ནི་ལོག་པར་འཚོ་བའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་འདུལ་བ་ལུང་གཞི་༼ ག༽ལས། ཚུལ་ཁྲིམས་ཉམས་པ་ཡིན་པ་དང༌། ལྟ་བ་ཉམས་པ་ཡིན་པ་དང༌། སྤྱོད་པ་ཉམས་པ་ཡིན་པ་དང༌། འཚོ་བ་ཉམས་པ་ཡིན་ནོ། །ཞེས་གསུངས་པས་ཀྱང་ཤེས་ནུས་སོ། །
|