2295
Jump to navigation
Jump to search
ཆོག་ཤེས་པ | |
Tibetan Definition | ཡིད་ཚིམ་པའི་དོན་ཡིན། ཞིབ་ཏུ་བཤད་ན། རྒྱུ་ནོར་སོགས་ངན་ངོན་ཙམ་གྱིས་ཚིམ་པ་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། ཆོག་ཤེས་པ་ནི། ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ། །ཞེས་གསུངས་སོ། །ཀླུ་སྒྲུབ་བཤེས་སྤྲིང་༼ ངེ ༽༤༢ན༦ ལས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རམ་མཆོག་ལགས་པ་ལྷ་མིའི་སྟོན་པས་གསུངས། །ཞེས་གསུངས་སོ། ། |
---|