2297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོམས
Tibetan Definition འཇོམས་ཀྱི་སྐུལ་ཚིག ཆོམས་ཤིག་ཅེས་པ་ལྟ་བུ། རྗེའི་སྔགས་རིམ་ཆེན་མོ་སོགས་སུ་འཇོམས་ཀྱི་སྐུལ་ཚིག་ལ་ “ཆོམས” ཞེས་བྲིས་ཡོད། རྗེའི་སྔགས་རིམ་ཆེན་མོ་ལས། ཧ་ན་ནི་ཆོམས་ཤིག་པ་སྟེ་དམ་ཚིག་དེས་ཐེག་དམན་གྱི་བྱང་ཆུབ་འདོད་པ་ཆོམས་ཤིག་པའོ། །ཞེས་དང་། ཡང་དེ་ཉིད་ལས། གཞན་གང་གིས་ཀྱང་དེ་མི་ཆོམས་པས་ན་མི་ཤིགས་པ་དང་མ་སྤྲོས་པས་ན་ཐིག་ལེ་ཞེས་གསུངས་ལ། ཞེས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་ “ཆོམ” ཞེས་བྲིས་ཡོད། ཆོམས་དང་ཆོམ་གཉིས་ཀ་འཐད་ལྡན་ཡིན་ནོ། །