2308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་མིག
Tibetan Definition ཟག་མེད་ཀྱི་ཤེས་རབ། བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ། མཐོང་ལམ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཆོས་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་གིས་སོ། །ཞེས་དང་། ཆོས་ཀྱི་མིག་ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་ཤེས་རབ་ཀྱི་མིག་གོ །ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་༼ ཀ ༽ལས། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེའི་ཚེ་ཚེགས་སུ་བཅད་པ་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང༌། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་ཉེ་རྒྱལ་ (ཤཱ་རིའི་བུ) ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཞེས་གསུངས་སོ། །