2316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་རྣམ་གྲངས
Tibetan Definition ཆོས་ཀྱི་རྣམ་པ་མང་པོ། ཆོས་ཀྱི་དབྱེ་བ། ཆོས་ཀྱི་བྱེ་བྲག་གམ་ཁྱད་པར་བཅས་ཀྱི་དོན། རྣམ་གྲངས་ནི། རྣམ་དབྱེ། རྣམ་པའི་དབྱེ་བ། དབྱེ་བ། རབ་དབྱེ་ལ་ཟེར། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ན་གསལ། དེ་ཡང་རང་རང་གི་ཐུན་མོང་མ་ཡིན་པའི་མཚན་ཉིད་འཛིན་པས་ན་ཆོས། རྣམ་ནི་རྣམ་པ། གྲངས་ནི་གྲངས་མང་པོའི་བསྡུས་ཚིག་སྟེ། ཆོས་ཀྱི་རྣམ་པ་མང་པོ་ཞེས་པའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པའམ་གོ་རིམ་མོ། །ཞེས་དང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་རྗོད་པར་བྱེད་པའི་སྒྲ་ཕན་ཚུན་ལྟོས་པ་དུ་མ་ནི་རྣམ་གྲངས་ཞེས་བྱ་སྟེ། གཅིག་ལ་ནི་གོ་རིམས་བཞིན་དུ་དུ་མའི་སྒོ་ནས་རྗོད་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །