2319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྡོམ་བཞི
Tibetan Definition ནང་པ་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཐམས་ཅད་འདུས་པའི་སྡོམ་ལྟ་བུའི་ཆོས་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་པ་ཞི་བ་དམ་པའོ། །འདི་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཟེར། སྒྲ་བཤད་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་གནད་ཐམས་ཅད་དེར་འདུས་པས་ན་སྡོམ་ཞེས་བྱའོ། །