From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་ཀྱི་སྦྱིན་པ
|
Tibetan Definition
|
དམ་པའི་ཆོས་སྟོན་པ་དང་གཞན་ལ་གནོད་པ་དང་མ་འབྲེལ་བའི་ཤེས་བྱ་ཡོན་ཏན་སློབ་པ་སོགས་ལ་ཟེར། དཔེར་ན་ཆོས་སྟོན་པ། རིག་གནས་ཆེ་ཆུང་སོགས་སློབ་པ། དགེ་ཚུལ་སློང་གི་སྡོམ་པ་སྦྱིན་པ། གཏོང་ལེན་སྒོམ་པ་སོགས་ལྟ་བུའོ། །རྗེའི་ལམ་རིམ་ཆེན་མོ་ལས། ཆོས་ཀྱི་སྦྱིན་པ་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་དང་བཟོ་ལ་སོགས་པ་འཇིག་རྟེན་གྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་སློབ་པ་རིགས་པར་སྟོན་པ་དང་བསླབ་པའི་གཞི་འཛིན་དུ་འཇུག་པའོ། །ཞེས་གསུངས་པ་ལྟར་རོ། །
|