From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་ཉིད་ཀྱི་རིག་པ
|
Tibetan Definition
|
འདི་ལ་གསུམ་སྟེ། འཇིག་རྟེན་ན་གྲགས་པའི་ཆོས་ཉིད་ཀྱི་རིགས་པ་ནི། མེ་གྱེན་དུ་འབར་བ་དང་། ཆུ་འཐུར་དུ་འབབ་པ་ལྟ་བུའོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་རིགས་པ་ནི། སྨན་དང་སྔགས་དང་ནོར་བུ་དང་སངས་རྒྱས་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་མཐུ་དང་ནུས་པ་ལྟ་བུའོ། །གནས་པའི་ཆོས་ཉིད་ཀྱི་རིགས་པ་ནི། ཤེས་བྱ་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ལྟ་བུའོ། །རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས། ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་དང་པོ་༤༤༤ནའང་དེ་བཞིན་དུ་གསལ།
|