2358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བརྒྱད་མགོ་སྙོམས
Tibetan Definition ཆོས་བརྒྱད་གང་བྱུང་ཡང་རྣམ་རྟོག་དང་དགའ་སྡུག་གི་འཕོ་འགྱུར་ཆེར་མེད་པར་སེམས་སྙོམས་པའམ་བརྟན་པོར་གནས་པ་ཞིག་བྱུང་ན། དེ་ལ་ཆོས་བརྒྱད་མགོ་སྙོམས་ཟེར། སྤྱིར་བཏང་མགོ་སྙོམས་ཞེས་པ་ཆ་སྙོམས། བཏང་སྙོམས། མཉམ་པ་བཅས་ཀྱི་དོན་ཡིན། རྒྱས་པར་མགོ་སྙོམས་ཞེས་པའི་ཐད་དུ་གཟིགས། ཡང་ན་རྗེ་གུང་ཐང་པའི་བསླབ་བྱ་ལས། སྐྱིད་ཀྱང་མི་རློམ་དཀོན་མཆོག་དྲིན་དུ་བལྟ། །སྡུག་ཀྱང་མི་འཁང་རང་གི་ལས་སུ་བསམ། །བསྟོད་ལ་མི་དགའ་བསོད་ནམས་ཉམས་བྱེད་དང་། །སྨད་ལ་མི་ཁྲོ་སྡིག་པའི་ཕྱགས་མར་བསྒོམ། །འདི་ནི་ཆོས་བརྒྱད་མགོ་སྙོམས་གདམས་པ་ཡིན། །ཞེས་གསུངས་པ་ལྟར་བྱས་ན་གོ་རྒྱུ་ཤིན་ཏུ་ཆེའོ། །རྗེའི་ཕྲེང་བའི་གསོལ་འདེབས་ཚིགས་བཅད་ཉེར་གཅིག་མ་ལས། འཇིག་རྟེན་ཆོས་བརྒྱད་རྣམས་ལ་ནི། །ཡིད་ནི་མཉམ་པ་ཉིད་ཐོབ་ཅིང་། །རྟག་ཏུ་ཟང་ཟིང་མེད་པ་ཡི། །ཆོས་ཀྱི་དགའ་བདེས་འཚོ་བར་ཤོག །ཅེས་གསུངས་པ་ལྟར་རོ། །རྙེད་མ་རྙེད། སྙན་མི་སྙན་ཏེ་བཞི་ནི་གོང་དུ་བཤད་པ་དེའི་ཤུགས་ལས་ཐོན་ནོ། །དེ་ལ་ཆོས་བརྒྱད་རོ་སྙོམས་ཡང་ཟེར། ཆོས་བརྒྱད་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དན་མི་སྙན་དང་། །སྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་རོ། །