236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀེ་ཏ་ཀ
Tibetan Definition (ལེགས་སྦྱར) 1 བགྲུང་བྱེད་དམ་དྭངས་བྱེད་དེ། ཆུའི་རྙོག་མ་དྭངས་བྱེད་ཀྱི་ཤིང་ཏོག་གི་རིགས་ཤིག་སྟེ། ཤིང་ཀེ་ཏ་ཀ་ལ་འབྲས་བུའོ། །དཔེར་ན་ལུང་ཕྲན་ཚེགས་ལས། གལ་ཏེ་ཆུ་དེ་རྡུལ་ཅན་ཡིན་ན། ཤིང་ཏོག་ཀེ་ཏ་ཀ་ལ་སོགས་པས་དྭངས་བར་བྱའོ། །ཞེས་གསུངས་པ་ལྟ་བུའོ། ། 2 ཀེ་ཏ་ཀའི་ཤིང་སྡོང་ལ་ཟེར།