From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་བརྗོད་པའི་སྒྲ
|
Tibetan Definition
|
ཁྱད་ཆོས་བརྗོད་པའི་ངག འདི་ལ་ཁྱད་པར་གཞན་སྤོང་གི་སྒྲ་ཟེར། དཔེར་ན་མེ་ཏོག་དཀར་པོ་ཞེས་བརྗོད་པའི་ཚེ། མེ་ཏོག་ཁྱད་གཞི་དང་། དཀར་པོ་ཁྱད་ཆོས་སུ་གོ་བར་བྱེད་པ་ལྟ་བུ། དེ་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་ཚུལ་ནི། དཔེར་ན་མི་ཞིག་གིས་དཀར་པོ་ཞེས་བརྗོད་པ་ན། ཁྱད་གཞི་གང་གི་དཀར་པོ་ཡིན་སྙམ་དུ་ཐེ་ཚོམ་དུ་གྱུར་པ་ན། མེ་ཏོག་གི་དཀར་པོ་ཞེས་བརྗོད་ན། དཀར་པོ་དེ་ཁྱད་ཆོས་གཞན་གྱི་ཡིན་པ་སྤངས་ནས་མེ་ཏོག་གི་ཡིན་པར་བདེ་བླག་ཏུ་གོ་ཐུབ་པས་ན་ཁྱད་པར་གཞན་སྤོང་གི་སྒྲ་ཞེས་བརྗོད་དོ། །
|