2363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མངོན་པ
Tibetan Definition ཆོས་མངོན་པ་ལ། དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས་ཡོད། དང་པོ་ནི། གཙོ་བོ་ཟག་མེད་ཀྱི་ཤེས་རབ་དང་། དེའི་རྗེས་འབྲང་ངམ་འཁོར་གཟུགས་ (ཟག་མེད་ཀྱི་ཤེས་རབ་དེ་དང་ཚོགས་པ་གཅིག་ཏུ་གནས་པའི་ཟག་མེད་ཀྱི་སྡོམ་པ) སོགས་ཕུང་པོ་ལྔ་ལྟ་བུ་ལ་ཟེར་རོ། །གཉིས་པ་ནི། དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས་སོ། །སྒྲ་བཤད་ནི། རང་གི་མཚན་ཉིད་འཛིན་པས་ན་ཆོས། དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའམ་མངོན་དུ་ཕྱོགས་པས་ན་མངོན་པ་ཞེས་བྱའོ། །