2374

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འཁོར་གྱི་ཕྱག་རྒྱ
Tibetan Definition དེའི་མཚོན་དོན་ནི། བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་གཟིགས་པའི་མཚོན་དོན་དང་། དེ་ཡང་ཕྱག་གཡོན་པས་ཀུན་རྫོབ་བདེན་པ་དང་། གཡས་པས་དོན་དམ་བདེན་པ་མཚོན་པར་བཤད། ཕྱག་གཉིས་པོ་ཁ་སྤྲོད་དུ་བྱས་པ་ནི་བདེན་པ་གཉིས་པོ་ཕན་ཚུན་རྟེན་བརྟེན་པའམ། དེ་གཉིས་རྟོགས་པའི་ཤེས་རབ་གཉིས་པོ་ཕན་ཚུན་ཅིག་གྲོགས་ཅིག་ཏུ་སོང་བའི་མཚོན་དོན་ཡིན། ཡང་། ཕྱག་གཡོན་པས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གཡས་པས་འབྲས་བུ་རྡོ་རྗེའི་ཐེག་པ་མཚོན་པར་བཤད། དེ་ནི་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་སྤྱིར་རྒྱུ་དང་འབྲས་བུ་ཅིག་ཅར་དུ་འབྱུང་བའི་གནས་མེད་པར་རིམ་གྱི་འབྱུང་དགོས་པ་ལྟར། ཐོག་མར་ཕར་ཕྱིན་ཐེག་པ་ལ་ལེགས་པར་བསླབས། དེ་ནས་རིམ་གྱིས་རྡོ་རྗེ་ཐེག་པ་ལ་སློབ་དགོས་པའི་བརྡའོ། །དེ་ལྟར་བྱས་ཚེ་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དཀའ་ཚེགས་མེད་པར་མྱུར་དུ་ཐོབ་པའི་དགེ་མཚན་ཡོད་པར་ཤེས་པའི་ཆེད་དུའོ། །ཞེས་མཁས་པ་འགའ་རེའི་ཞལ་རྒྱུན་ལ་ཡོད། ཁོ་བོ་ལྟར་ན་འགྲེལ་བཤད་མགོ་རྙོགས་དེ་འདྲ་གང་ཡང་མེད་པ། ཆོས་འཁོར་གྱི་ཕྱག་རྒྱ་ནི་ཞིབ་ཏུ་བལྟས་ན་ཆོས་ཀྱི་འཁོར་ལོའི་དབྱིབས་སུ་ཡོད་པས། གདུལ་བྱ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཚོན་དོན་ཙམ་མོ། །