From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་འབྱུང་གི་མཚོན་དོན
|
Tibetan Definition
|
ཕྱི་དཀར་བ་དེས་བདེ་བ་ཆེན་པོ། ནང་དམར་བས་སྟོང་ཉིད། ཆོས་འབྱུང་གི་གདེངས་ཀ་གྱེན་དུ་ཕྱོགས་པས། མོས་སྤྱོད་ཀྱི་ས་ནས་བཟུང་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ། ཆོས་འབྱུང་གི་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པས་ལས་དང་པོ་བའི་སྐབས་ཀྱི་ཡོན་ཏན་རྒྱ་ཆུང་བ། ཆོས་འབྱུང་གི་ཟུར་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མམ་རྣམ་ཐར་སྒོ་གསུམ། ཆོས་འབྱུང་བྷ་གའི་རྣམ་པའམ་ཤེས་རབ་མའི་སྐྱེ་གནས་ཀྱི་རྣམ་པར་ཡོད་པ་དེས་བདེ་བ་ཆེན་པོའི་ཡེ་ཤེས། ཆོས་འབྱུང་གི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཚུད་པ་དེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སོགས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་འདས་པ་དང་། ལ་འབྲས་ཀྱི་ཡོན་ཏན་ཐམས་ཅད་བདེ་སྟོང་དབྱེར་མེད་བསྒོམས་པ་ལས་འབྱུང་བ་མཚོན། སྒྲ་བཤད་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ན་ཆོས་འབྱུང་ཞེས་བྱའོ། །
|