From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་རྒྱབ
|
Tibetan Definition
|
ཁ་སྐོང་། སྣོན་པ། བཤད་བྱའི་ཡན་ལག རྒྱབ་ཆོས་རྣམས་དོན་གཅིག ཞིབ་པར་བཤད་ན། གདམས་དངོས་མིན་པར་བཤད་བྱའི་ཆོས་ཀྱི་ཡན་ལག་གམ་རྒྱབ་སྐྱོར་ལྟ་བུ་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། དེ་རྣམས་གདམས་ངག་དངོས་མིན་པའི་ཆོས་རྒྱབ་ཙམ་དུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་བཟློག་པར་འགྱུར་རོ། །ཞེས་གསུངས་སོ། །རྗེའི་སྔགས་རིམ་ཆེན་མོ་ལས་ཀྱང་། རྒྱུད་སྡེ་དང་དེ་དག་གི་དགོངས་འགྲེལ་གྱི་གཞུང་ཆེ་བ་རྣམས་ཕྱིའི་སྤྲོས་གཅོད་པའི་ཆོས་རྒྱབ་ཙམ་དུ་མཐོང་ནས་དེ་དག་ཏུ་སྦས་ནས་མ་བཤད་པའི་གདམས་ངག་ཟུར་དུ་ཟབ་མོ་ཅིག་ཡོད་དོ་སྙམ་དུ་འཛིན་པས་ནི། ཆོས་ཀྱི་མཐར་ཐུག་པ་རྣམས་ལ་ཞེ་རྩིས་མེད་ཅིང་སྔགས་ཀྱི་གཞུང་ཆེ་བ་རྣམས་ལ་གུས་པ་ཆེན་པོ་སྐྱེ་བ་དང་དེ་དག་གདམས་ངག་ཏུ་འཆར་བའི་གེགས་བྱས་ནས་དེ་རྣམས་མྱུར་དུ་ནུབ་པའི་རྐྱེན་ཆེན་པོ་ཡིན་པས་དུག་བཞིན་དུ་སྤང་བར་བྱ་ལ། བླ་མ་དམ་པའི་མན་ངག་ལ་བརྟེན་ནས་གཞུང་ཆེ་བ་རྣམས་གདམས་ངག་ཏུ་འཆར་བའི་ཐབས་ལ་འབད་པར་བྱ་སྟེ། ཞེས་གསུངས་སོ། །
|